ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྡིག་སྐུལ་བྱས་པར་ལྟོས་མེད་ མི་མང་གིས་མང་གཙོའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ།


འདས་པའི་རེས་གཟའ་སྤེན་པའི་ཉིན་ ཧོང་ཀོང་རང་སྐྱོང་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་ལིའུ་སི་ཡུང་གིས་ས་གནས་ཀྱི་སློབ་གྲྭ་དང་ གཞུང་གི་ལས་ཁུངས་ཁག་སྒོ་མོ་འབྱེད་དེ་རྒྱུན་ལྡན་བཞིན་ལས་དོན་བྱ་ཐུབ་རྒྱུར་ རེས་གཟའ་ཟླ་བའི་ཞོགས་པ་སྔ་ཐོག་ གཞུང་ལམ་དང་གཞུང་གི་ལས་ཁུངས་མདུན་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་དགོས་པ་དང། ཅི་སྟེ་ལས་འགུལ་དེ་རིགས་མཚམས་འཇོག་མ་བྱས་ཚེ་ སྲིད་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་སླར་གསོ་ཡོང་ཐབས་སླད་ཐབས་ཤེས་ག་རེ་ཡིན་ནའང་ལག་བསྟར་བྱེད་ཀྱི་ཡིན་ཞེས་ཐ་ཚིགས་བསྒྲགས་ཡོད་པར་ལྟོས་མེད་ སློབ་ཕྲུག་གིས་མང་གཙོའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།

XS
SM
MD
LG