ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

པ་ཀིསྟཱན་གྱི་དྲག་སྤྱོད་ཤོག་ཁག་ཅིག་གིས་སི་རི་ཡའི་ཁ་ཆེའི་དྲག་སྤྱོད་པ་ཚོར་རྒྱབ་སྐྱོར།


སི་རི་ཡ་དང་ཨི་རཱག་བྱང་ཕྱོགས་ཀྱི་ཁ་ཆེ་དྲག་སྤྱོད་ཤོག་ཁག་ཨ་ཡི་སི་སི་ཡིས་དེ་ཁུལ་གྱི་ས་ཁྱོན་ཆེན་པོ་དབང་འཛིན་བྱས་ཡོད་པས་མ་ཟད་། ཤོག་ཁག་དེས་དེ་ཁུལ་གྱི་དྲག་སྤྱོད་པའི་ཤོག་ཁག་གཞན་པའི་ཐོག་ལ་ཡང་དབང་བསྒྱུར་བྱེད་རྩིས་བྱས་ཏེ། དེ་ཁུལ་དུ་ཡོད་པའི་རྒྱལ་སྤྱིའི་འཇིགས་བསྐུལ་རིང་ལུཌ་པའི་ཤོག་ཁག་ཨལ་ཁ་ཌའི་ཡན་ལག་ཤོག་ཁག་ཨལ་ནུ་སུ་ར་དང་འབྲེལ་བ་བྱེད་རྒྱུ་ཕྱི་ཟླ་གཉིས་པ་ནས་མཚམས་འཇོག་བྱས་ཡོད་འདུག

ཨལ་ཁེ་ཌ་དང་འབྲེལ་བ་ཡོད་པའི་པ་ཀིསྟཱན་གྱི་འཇིགས་བསྐུལ་རིང་ལུཌ་པའི་ཤོག་ཁག་ཏེ་རིག་ཏ་ལེ་བྷཱན་གྱིས་མགྲིན་ཚབ་པ་ཤཱ་ཧཱིད་ཀྱིས་སི་རི་ཡ་དང་ཨི་རཱག་ལྟ་བུའི་དཀྱིལ་ཤར་མངའ་ཁུལ་གྱི་ཁ་ཆེ་དྲག་སྤྱོད་ཤོག་ཁག་ཚང་མ་ཁ་ཆེའི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རྡོག་རྩ་གཅིག་བསྒྲིལ་བྱེད་དགོས་པའི་འབོད་བསྐུལ་བྱས་ཡོད་ཅིང་། པ་ཀིསྟཱན་གྱི་ཁ་ཆེའི་དྲག་སྤྱོག་ཁག་ཏ་ལེ་བྷཱན་དེ་བཞིན་དེ་སྔོན་ཕྱི་ལོ་༢༠༠༧གྱི་ལོར་གསར་དུ་སྒྲིག་འཛུགས་བྱས་པའི་དྲག་སྤྱོད་པའི་ཤོག་ཁག་ཅིག་ཡིན་པ་རེད།

མགྲིན་ཚབ་པ་ཤཱ་ཧིད་ཀྱིས་ལག་འཁྱེར་ཁ་དཔར་ཞིག་གི་བརྒྱུད་ནས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཨེ་ཨེཕ་པི་ལ་བཤད་གསལ་ལ། སི་རི་ཡ་དང་ཨི་རཱག་བྱང་ཕྱོཌ་ཁུལ་དུ་ཁ་ཆེའི་དྲག་སྤྱོད་ཤོག་ཁག་ཨ་ཡེ་སི་སི་འགོ་མ་ཚུགས་གོང་དུ་པ་ཀིསྟཱན་གྱི་ཤོག་ཁག་དེས་སི་རི་ཡ་དང་ཨི་རག་བྱང་ཕྱོཌ་ཀྱི་དྲག་སྤྱོད་ཤོག་ཁག་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་འགོ་འཛུཌ་བྱས་ཡོད་ཅིང་། ཁོ་པའི་ཚོགས་པས་ད་ལྟ་བར་དུ་སི་རི་ཡ་དང་ཨི་རཱག་བྱང་ཕྱོཌ་ཀྱི་ཁ་ཆེ་དྲག་སྤྱོད་པ་ཚོར་རྒྱབ་སྣོན་དཔུང་རོགས་བྱ་རྒྱུར་དམག་མི་ཆིག་སྟོང་ནས་༡༥༠༠ཙམ་བཏང་ཚར་ཡོད་འདུག

XS
SM
MD
LG