ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་བློན་གྱིས་རྒྱལ་ཡོངས་ལ་གཙང་སྦྲའི་ལས་འགུལ་སྤེལ་པ།


རྒྱ་གར་གྱི་སྲིད་བློན་མོ་ཏི་མཆོག་གིས་རྒྱ་གར་རྒྱལ་ཡོངས་སུ་གཙང་སྦྲའི་ལས་འགུལ་ཞིག་འགོ་འཛུགས་གནང་སྟེ། ཕྱི་ལོ་༢༠༡༩་ནང་ཚུད་དུ་རྒྱ་གར་རྒྱལ་ཡོངས་སུ་མི་མང་གི་ཁང་པའི་ནང་དུ་གསང་སྤྱོད་རྒྱག་རྒྱུའི་འཆར་གཞི་ཞིག་གསལ་བསྒྲགས་གནང་ཡོད་ཅིང་། ད་རེས་ཀྱི་ལས་འགུལ་འདི་བརྒྱུད་ནས་རྒྱ་གར་རྒྱལ་ཡོངས་སུ་གཞུང་གི་ལས་ཁག་དང་སློབ་གྲྭ་ཁག་ལ་བདུན་ཕྲག་རེར་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་དུ་གད་ཕྱིས་དང་གཙང་སྦྲའི་དུས་ཚོད་གཏོང་དགོས་པ་དང་། སྤྱིར་རྒྱ་གར་མི་མང་བརྒྱ་ཆ་༥༠་ལ་གསང་སྤྱོད་སོགས་ཀྱི་མཐུན་རྐྱེན་མེད་པ་མ་ཟད། རྒྱ་གར་གྱི་གྲོང་རྡལ་དང་གྲོང་ཁྱེར་ཆེ་ཁག་ཚང་མར་གད་སྙིགས་གང་སར་གཡུགས་ཏེ་གད་སྙིགས་བསྡུ་ལེན་དང་ས་འོག་གི་ཆུ་འགྲོ་སོགས་ཀྱི་ཆ་རྐྱེན་ཡག་པོ་མེད་རུང་། ལོ་ཤས་ཤིག་གི་ནང་དུ་རྒྱ་གར་ལ་གཙང་སྦྲ་མེད་པའི་གནས་སྟངས་དེར་འགྱུར་བ་གཏོང་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགོད་པས་སྤེལ་བའི་གནས་ཚུལ་འདི་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG