ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཤེས་ཡོན་སྲིད་ཇུས་ལ་བོད་མི་མང་སྤྱི་འཐུས་ཀྱིས་བསྐྱར་ཞིབ།


ཉེ་ཆར་ཕྱི་ཟླ་དགུ་པའི་ཚེས་༡༢་ནས་༢༤་བར་དུ་ཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ཐོག་ཏུ་རང་དབང་ལྡན་པའི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམས་འོས་འདེམས་གཏན་ཁེལ་བྱུང་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བསྡོམས་ལ་བགྲོ་གླེང་དང་དེ་བཞིན་ཚོགས་ཆུང་ཁག་ཅིག་ཀྱང་གསར་འཛུགས་བྱས་པ་མ་ཟད། འདས་པའི་མི་ལོ་བཅུའི་རིང་ལ་ལག་བསྟར་བྱེད་བཞིན་པའི་བོད་མིའི་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་བྱ་གལ་ཆེ་བའི་བསམ་ཚུལ་ཤུགས་ཆེན་བྱུང་ཡོད་སྟབས་གནད་དོན་དེར་བསྐྱར་ཞིབ་བྱེད་མཁན་ཚོགས་ཆུང་ཞིག་ཀྱང་བཙུགས་འདུག་པས། ད་རེས་ཀྱི་ཚོགས་དུས་བརྒྱད་པར་མཉམ་ཞུགས་གནང་མཁན་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་སུ་འདི་ག་རླུང་འཕྲིན་ཁང་གི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG