ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་བར་བརྟེན་ནས་ཞི་བདེའི་ལྷན་ཚོགས་ཕྱིར་བཤོལ་གནང་ཡོད་པ།


ལྷོ་ཨ་ཕྷི་རི་ཀའི་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་འབུལ་རྒྱུའི་བསམ་གཞིགས་གཏན་ནས་མ་བྱས་པའི་རྐྱེན་གྱིས། གྲོང་ཁྱེར་ཀེབ་ ཏྲའུན་དུ་འཚོག་རྒྱུའི་ནོ་ཝལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་དེ་བཞིན། ཕྱིར་བཤོལ་བྱས་པ་རེད་ཅེས། རེས་གཟའ་ཕུར་བུའི་ཉིན་ གྲོང་ཁྱེར་སྤྱི་ཁྱབ་ཀྱིས་དངོས་སུ་གསལ་བསྒྲགས་གནང་ཡོད་ཅིང་། འདི་ནི་ ལྷོ་ཨ་ཕྷི་རི་ཀའི་གཞུང་གིས་རྒྱ་ནག་གི་ངོ་སྲུང་རྒྱུའི་དོན་དུ། འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་མ་ཕུལ་བའི་གནས་ཚུལ་བྱུང་ཐེངས་གསུམ་པ་དེ་ཡིན་པས། ལྷོ་ཨ་ཕྷི་རི་ཀའི་གཞུང་གི་བྱེད་སྟངས་འདི་ལ། ཕྱི་ནང་གི་མི་ཧ་ཅང་མང་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོས། གལ་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐོངས་མཆན་མ་འབུལ་བ་ཡིན་ན། ལྷན་ཚོགས་ཀྱི་ནང་ཞུགས་རྒྱུ་མིན་པའི་ངོ་རྒོལ་གྱི་རྣམ་འགྱུར་ཧ་ཅང་ཤུགས་ཆེན་པོ་བསྟན་པ་ལ་བརྟེན་ནས་མཐར། གལ་ཆེའི་ལྷན་ཚོགས་དེ་ལྷོ་ཨ་ཕྷི་རི་ཀའི་ནང་བྱ་རྒྱུ་ཕྱིར་བཤོལ་བྱས་ཏེ། རྒྱལ་ཁབ་གཞན་ཞིག་ཏུ་འཚོག་རྒྱུའི་ཐག་གཅོད་གནང་བའི་གནས་ཚུལ་འདི་བྱུང་བ་ཞིག་ཡིན་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG