ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རག་གི་ནང་བློ་ཡུལ་དུ་ཤོང་དཀའ་བའི་དྲག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ཀྱི་ཡོད་པའི་སྙན་ཐོ།


Islamic State ཟེར་བའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱིས། ཨི་རག་གི་སྤྱི་འབངས་མི་སེར་རྣམས་ལ་འཆར་གཞི་དང་ལྡན་པའི་སྒོ་ནས་རྩུབ་ སྤྱོད་འདྲ་མིན་སྣ་ཚོགས་ཤིག་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་གྱི་ སྙན་ཐོ་གསར་པ་ཞིག་ཐོན་པའི་ནང་། རྩུབ་སྤྱོད་འགའ་ཞིག་ནི། དམག་དོན་ ཉེས་གསོག་དང་མཚུངས་ཀྱི་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ལྷན་ཁང་དང་། འཛམ་གླིང་མཉམ་འབྲེལ་ རྒྱལ་ཚོགས་ཀྱི་ཨི་རག་ཆེད་ཀྱི་རོགས་སྐྱོབ་ཚོགས་ཆུང་གིས་འདོན་སྤེལ་བྱས་པའི་སྙན་ཐོ་དེའི་ནང་། ཨི་རག་གི་བདེ་འཇགས་དཔུང་དམག་གིས་ཀྱིས་ཕྱི་ཟླ་ བདུན་པའི་ཚེས་༦ནས་ཕྱི་ཟླ་དགུ་པའི་ཚེས་༡༠བར་གདུག་སྦྱོང་སྣ་རྒུ་ལག་བསྟར་བྱས་པའི་སྐོར་གྱི་ཡིག་ཆ་ཁག་ཀྱང་འདོན་སྤེལ་བྱས་ཡོད་པའི་སྐོར་འདི་ག་རླུང་ འཕྲིན་ཁང་གི་གསར་འགོད་པ་ལྭི་ས་་ཤི་ལན་གྱིས་སུད་སི་ལནཌའི་གྲོང་ཁྱེར་ཇེ་ནེ་ཝའི་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ ལྷན་ཁང་ནས་སྤེལ་བའི་གནས་ཚུལ་ཞིག་གསན་གནང་གི་རེད།

XS
SM
MD
LG