ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་ཚོགས་ཆུང་ཞིག་འཛུགས་འཆར་ཡོད་པ།


འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཟིགས་ཞིབ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ཁི་རི་སི་སི་མི་ཐི ་ཡིས་། རེས་གཟའ་མིག་དམར་གྱི་ཉིན་། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་བྱེད་མཁན་ཚོགས་ཆུང་ཞིག་འཛུགས་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད་། ཁོང་གིས་ཧོང་ཀོང་གི་ནང་ཞི་བའི་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་ཟིང་གི་གནས་ཚུལ་མི་ཡོང་སྔོན་འགོག་དང་། དེ་བཞིན་ཧོང་ཀོང་ས་གནས་ཀྱི་གནས་བབས་ཐད་རྒྱ་ནག་གཞུང་གིས་དེ་སྔ་ཁས་ལེན་བྱས་པ་ལྟར་། ས་གནས་དེའི་ནང་རང་སྲིད་རང་སྐྱོང་གི་གནས་བབས་དང་ དེ་བཞིན་གཞི་རྩའི་རང་དབང་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུའི་ཁས་ལེན་བྱས་པ་ལྟར་ ཁ་གཏན་ཚིག་ལ་གནས་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG