ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་མང་གཙོའི་ངོ་རྒོལ་དང་གཞུང་འབྲེལ་རྒྱལ་ཁབ་དབུ་བརྙེས་སྲུང་བརྩི་བྱེད་ཐབས་མི་བདེ་བ།


རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་གྲོང་ཁྱེར་གྱི་ལམ་ཆེན་ཁག་ཏུ་མང་གཙོ་དོན་གཉེར་ཅན་དང་། རྒྱབ་སྐྱོར་བ་ཧོང་ཀོང་མི་མང་སྟོང་ཕྱག་མང་པོས་རྒྱ་ནག་པི་ཅིང་ལ་ཉེ་བའི་ཧོང་ཀོང་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཆེད་ངོ་རྒོལ་བྱས་ཡོད་པ་དང་། ཁ་སྤྲོད་དེར་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་པའི་དུས་ཆེན་མཛད་སྒོ་སྲུང་བརྩི་ཞུ་སྐབས་འཕྱ་སྨོད་ཀྱི་སྐད་བརྒྱབ་པ་སོགས་བྱས་ཡོད་འདུག སློབ་ཕྲུག་ཚོས་འགོ་འཁྲིད་པའི་ངོ་རྒོལ་དེ་ཉིན་གྲངས་ལྔ་པ་དེ་འགྲོ་གྱི་ཡོད་པ་དང་། ཁོང་ཚོས་ཧོང་ཀོང་གིས་ཚོང་དོན་བསྟི་གནས་ཀྱི་དཀྱིལ་དབུས་ཐང་ཆེན་དེ་ཟིན་ནས་རྒྱ་ནག་གཞུང་གིས་པྱི་ལོ་ ༢༠༡༧ ལོར་ཧོང་ཀོང་གི་སྤྱི་ཁྱབ་འགོ་འཛིན་གསར་པ་འདེམས་ཕྱོགས་ཐད་མི་མང་ལ་ཐད་ཀར་འོས་འདེམས་བྱ་རྒྱུའི་ཐོབ་ཐང་སྤྲད་མེད་པ་དང་། རྒྱ་ནག་གཞུང་ལ་ཉེ་བའི་འོས་མི་གཉིས་སམ། གསུམ་གྱི་མིང་བཏོན་ནས་དེར་ཧོང་ཀོང་མི་མང་གིས་འོས་ཤོག་འཕེན་དགོས་པའི་ཆ་རྐྱེན་དེ་ཕྱིར་འཐེན་བྱ་དགོས་པའི་ཆེད་དུ་ངོ་རྒོལ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG