ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རག་གི་ཀཌ་མི་རིགས་ཡིན་པ་དྲག་འཐབ་པ་ཚོས། སི་རི་ཡེའི་ས་མཚམས་དང་ཉེ་བའི་གྲོང་བརྡལ་རཱ་བྷི་ཡ། ཨིས་ལ་མིཀ་ སི་ཏྲེཌ་ཟེར་བའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱི་ལག་ནས་ཕྱིར་ལེན་ཐུབ་ཡོད་པ་དང་། ཡང་། སི་རི་ཡེའི་ཀཌ་མི་རིགས་ཡིན་པ་དྲག་འཐབ་པ་ཚོས། ཡུལ་དེའི་བྱང་ཕྱོགས་ཁུལ་དུ་དྲག་སྤྱོད་པ་དེ་དག་དང་འཐབ་འཛིངས་བྱས་ཏེ། དྲག་སྤྱོད་པ་དེ་དག་ཁུལ་དེར་དཔུང་འཇུག་བྱེད་དུ་འཇུག་གི་མེད་པ་རེད། དེའི་བར་ན། ཡང་། ཨི་རག་གི་ནང་དུ། ཁ་ཆེ་མཐར་ལྷུང་དྲག་སྤྱོད་པ་དེ་དག་རྒྱལ་ས་བྷག་དྷད་ནས་རྒྱང་ཐག་ཀི་ལོ་མི་ཏྲར་ཉི་ཤུའི་སར་དཔུང་འཇུག་བྱས་ཡོད་ལུགས་གསར་འགྱུར་འགའ་ཞིག་གི་ནང་རྗོད་ཀྱི་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེཌ་ ཝཌ་ ཡེ་རཱ་ནིའན་གྱིས་སྤེལ་བའི་གནས་ཚུལ་དེ། དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG