ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིའི་སྲིད་བློན་གྱིས་རྒྱ་གཞུང་ལ་ཧོང་ཀོང་གི་ཐད་རང་འཁྲིའི་འོས་འགན་བླང་དགོས་པའི་དྲན་བསྐུལ།


ཧོང་ཀོང་གི་ནང། སློབ་ཕྲུག་གིས་སྣེ་འཁྲིད་དེ་མང་ཚོགས་ཁྲི་ཕྲག་མང་པོ་སྲང་ལམ་ཁག་གི་ཐོག་ཐོན་ཏེ། རང་ལ་དམངས་གཙོའི་ལམ་ནས་འགོ་ཁྲིད་ཐད་ཀར་འོས་འདེམས་བྱེད་ཆོག་པའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དམངས་གཙོ་དོན་གཉེར་གྱི་ལས་འགུལ་དེའི་ནང་ཞུགས་མཁན་མི་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་སྟེ། གཞི་རྒྱ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། ཕྱི་ནང་གི་མི་ཧ་ཅང་མང་པོས། གནས་ཚུལ་དེ་ཚོའི་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དབྱིན་ཇིའི་སྲིད་བློན་སྐུ་ཞབས་ཌེ་བྷིཌ་ ཀེ་མེ་རུན་གྱིས་ཧོང་ཀོང་གི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད་ལུགས་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ལ། དེ་སྔ་རང་གིས་ཁས་ལེན་བྱས་པ་གཞིར་བཟུང་ ཧོང་ཀོང་མི་དམངས་ལ་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཆ་ཚང་སྤྲོད་དགོས་པའི་དྲན་བསྐུལ་བསྐྱར་དུ་གནང་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG