ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནེའུ་ཡོག་ས་གནས་བོད་མིས་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕེབས་བསུ་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ཚོགས་ཁང་ཆེ་མོའི་ནང་རྒྱ་གར་གྱི་སྲིད་བློན་མཆོག་གིས་མང་ཚོགས་མི་གྲངས་ ༡༨༠༠༠ ལྷག་ཙམ་ལ་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་དང་། ནིའུ་ཡོག་དང་ནིའུ་ཇའ་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མི་ཚོས་བོད་ཀྱི་རྒྱལ་དར་བསྣམས་པ་དང་། གཡག་འཁྲབ་པ། བོད་ཀྱི་རྒྱལ་གླུ་བཏང་བ། དེ་བཞིན་སྲིད་བློན་མཆོག་ཨ་རིར་ཕེབས་པར་དགའ་བསུ་ཡོད་ཅེས་པའི་འཕྲེད་དར་འཕྱར་བཞིན་དུ། རྒྱ་གར་གྱི་སྲིད་བློན་མཆོག་ལ་དགའ་བསུའི་ཕེབས་བསུ་ཞུས་གནང་ཡོད་པ་རེད།

ནེའུ་ཡོག་དང་ནེའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམ་རྒྱ་མཚོ་ལགས་ཀྱིས་ད་རེས་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕེབས་བསུ་ཞུ་དགོས་དོན་གཙོ་བོ་ནི། རྒྱ་གར་གཞུང་ནི་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་དེ་མ་བརྗེད་པར་རྗེས་དྲན་ཞུ་རྒྱུ་དང་།་གཉིས་ནས་སྲིད་བློན་མཆོག་གི་ལས་རྒྱུན་རིང་བོད་ཀྱི་གནད་དོན་ཐོག་སྔར་བས་ཐུགས་འགན་བཞེས་ཐུབ་པའི་རེ་བ་ཞིག་བཅངས་ཏེ་ལས་འགུལ་དེ་གོ་སྒྲིག་གནང་བ་ཞིག་ཡིན་པ་གསུང་གི་འདུག དེ་རིང་རྒྱ་གར་གྱི་སྲིད་བློན་མཆོག་ཀྱིས་གསུང་བཤད་གནང་སའི་ཚོགས་ཁང་གི་ཕྱིར་རྒྱ་གར་བ་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད། བོད་མིའི་ཕྱོགས་ནས་ས་གནས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ། བེུད་སོགས་སེར་སྐྱ་མང་ཚོགས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་ཡོད་པ་རེད།

XS
SM
MD
LG