ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་དང་སིང་ག་པུར། མ་ལེ་ཞི་ཡ་དང་ཨིན་རྡུ་ཎེ་ཤི་ཡ་ནས་ཕེབས་པའི་ནང་པ་ཆོས་ཞུ་བ་༧༠༠་ལྷག་དང་། གཞན་ཡང་དེ་མིན་གྱི་འཛམ་གླིང་ཡུལ་གྲུ་ཁག་༦༢་ནས་ཕེབས་པའི་ནང་པ་ཆོས་ཞུ་བ་༡༠༠༠་ལྷག ཁྱོན་བསྡོམས་༧གོང་ས་མཆོག་གིས་འདས་པའི་ཉི་མ་གསུམ་གྱི་རིང་ལ་མི་མང་ཆོས་ཆོས་བ་༥༠༠༠་ལྷག་ལ་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱོད་འཇུག་ཆེན་མོའི་གསུང་ཆོས་གནང་བ་ཕྱི་ཚེས་༢༦་ཉིན་ལེགས་གྲུབ་བྱུང་ཡོད་ཅིང་། ༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་ང་ཚོས་རང་གཞན་གཉིས་ཀ་འགྲོ་བ་མི་གཅིག་མཚུངས་དང་འདྲ་མཉམ་ཡིན་པའི་བསམ་བློ་མང་ཙམ་བཏང་སྟེ། ང་ཚོར་མ་འདྲ་བའི་ཁྱད་པར་ཅུང་ཟད་རེའི་ཡོད་པ་གནད་འགག་ཆུང་དུ་གཏོང་དགོས་ཞེས་བཀའ་སློབ་ཟབ་མོ་བསྩལ་འདུག

XS
SM
MD
LG