ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་ཚོར་གསུང་ཆོས་དབུ་འཛུགས།


ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གསུམ་རིང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་ ཐེངས་དེའི་གསུང་ཆོས་ཞུ་མཁན་གྲས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ། སིང་ག་པུར། ཐེ་ལན་ཌེ། ཝི་ཏི་ནམ། ཧིན་ངྷུ་ནེ་ཤི་ཡ། མ་ལེ་ཤི་ཡ། ཉི་ཧོང་། ཀོ་རི་ཡ། རྒྱ་ནག་སྐམ་ས་ཆེན་མོ། ཐེ་ཝན་སོགས་ནས་ཡོད་བཅས་ཀྱི་སྐོར་ཞིབ་ཕྲ་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG