ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་མེད་བོད་མིར་དམག་མིས་རུབ་བརྒྱབས་ཏེ་ཉེས་བརྡུང་བཏང་ཡོད་པ།


ཉེས་མེད་བོད་མིར་དམག་མིས་རུབ་བརྒྱབས་ཏེ་ཉེས་བརྡུང་བཏང་ཡོད་པ།

ཡུལ་ཤུལ་ཆུ་དམར་ལེབ་རྫོང་ཐོག་ཏུ། ས་གནས་འདིར་གཏན་སྡོད་དམག་སྒར་དེའི་དམག་དཔོན་གྱིས་བཀའ་བཏང་སྟེ། ཉེས་མེད་བོད་མི་ན་གཞོན་བཞི་ལ་དམག་མི་༢༠ལྷག་གིས་རུབ་བརྒྱབས་ཏེ་ཉེས་བརྡུང་བཏང་ཡོད་པ་དང་། ད་ལྟ་བོད་མི་ན་གཞོན་གཉིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག ཝིས་པོ་ལ་སོགས་པའི་རྒྱ་ཡིག་གི་དྲ་ཚིགས་ཁག་ཏུ་བོད་མི་ཚོས་ས་གནས་དམག་མིའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་ཡོད་དམག་དཔོན་གོ་གནས་ནས་ཕྱིར་འབུད་གཏོང་དགོས་པ་ལ་སོགས་པའི་འབོད་སྐུལ་ཞུ་བཞིན་འདུག འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG