ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟེངས་བརྟགས་བཞེས་མཁན་བཞི་ཡིས་ལྷོ་ཨཕ་རི་ཀའི་ནང་གི་ལྷན་ཚོགས་ནས་ཕྱིར་འཐེན་གནང་ཡོད་པ།


བོད་མིའི་དབུ་ཁྲིད་༧གོང་ས་ཏཱ ལའི་བླ་མ་མཆོག་ལ་རིང་མིན་ཟླ་བ་རྗེས་མའི་ཚེས་པ་༡༣་ནས་༡༥་བར་ཉིན་མ་གསུམ་རིང་་ལྷོ་ཨཕ་རི་ཀའི་གྲོང་ཁྱེར་ཀེབ་ཀྲོན་ ནང་ནོ་ཝེལ་ཞི་བདེའི་གཟེངས་བརྟགས་བཞེས་མཁན་ཚོའི་ལྷན་ཚོགས་སུ་ཕེབས་རྒྱུར། ལྷོ་ཨཕ་རི་ཀའི་སྲིད་གཞུང་གིས་ལ་ཐོངས་མཆན་འབུལ་གྱི་མེད་པར་བརྟེན་ནོ་ཝེལ་གཟེངས་བརྟགས་བཞེས་མཁན་གྲགས་ཅན་བཞི་ཡིས་ལྷན་ཚོགས་དེ་ནས་ཕྱིེར་འཐེན་གནང་གི་ཡིན་ཞེས་གསུང་ཡོད་པའི་སྐོར་དང་། དེའི་ཐད་ལས་འགུལ་སྤེལ་མཁན་བོད་རྒྱལ་ཡོངས་རང་བཙན་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་རྒྱལ་མཚན་ཚེ་རིང་ལགས་སུ་་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG