ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཁ་ཆེའི་རྒྱལ་ཁབ་ཟེར་བའི་དྲག་སྤྱོད་པའི་ཐོག་གཏོར་རྒོལ་མུ་མཐུད་བཞིན་པ།


ཨ་མི་རི་ཀའི་དམག་དོན་དབུ་ཁྲིད་ཚོས་ཨེ་སི་ལ་མྷིག་རྒྱལ་ཁབ་ཟེར་བའི་དྲག་སྤྱོད་རུ་ཚོགས་ལ་ཨ་མི་རི་ཀས་སྣེ་ཁྲིད་དེ་མཁའ་ཐོག་ནས་གཏོར་རྒོལ་ཐེངས་གཉིས་པ་ཞིག་གཟའ་ལྷག་པའི་ཉིན་བྱས་ཡོད་པ་དང་མཁའ་ཐོག་གི་གཏོར་རྒོལ་དེ་ཚོ་ནི་དྲག་སྤྱོད་ཤོག་ཁག་ལ་ཁ་གཏད་ཀྱི་ལས་འགུལ་འགོ་ཚུགས་པ་ཞིག་ཡིན་པ་ཞེས་གསུང་ཡོད་པ་དང་ དེའི་བར་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས་ཁ་ཆེའི་རྒྱལ་ཁབ་ཟེར་བའི་དྲག་སྤྱོད་རུ་ཚོགས་པ་དེའི་ཉེན་ཚབས་དང་འཛམ་གླིང་ཞི་བདེའི་ཆེད་དུ་དྲག་སྤྱོད་རུ་ཚོགས་དེ་མེད་པ་བཟོ་རྒྱུའི་གལ་ཆེའི་རང་བཞིན་དང་ དྲག་སྤྱོད་རུ་ཚོགས་དེར་མཁའ་ཐོག་ནས་གཏོར་རྒོལ་བྱ་རྒྱུར་རྒྱལ་སྤྱིའི་མཉམ་ལས་དགོས་གལ་འགྲེལ་བརྗོད་གནང་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ནས་ཕབ་སྒྱུར་ཞུ་རྒྱུ་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG