ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱིས་གཟའ་སྐར་མིག་དམར་ལ་བཅོས་མའི་སྒྱུ་སྐར་བཏང་བ།


རེས་གཟའ་ལྷག་པའི་ཉིན་ རྒྱ་གར་གྱིས་གཟའ་སྐར་མིག་དམར་ལ་བཅོས་མའི་སྒྱུ་སྐར་ལམ་ལྷོང་དང་ལྡན་པའི་ཐོག་ནས་གཏོང་ཐུབ་པ་བྱུང་འདུག་དེ་ནི་འཛམ་གླིང་ནང་གཟའ་སྐར་མིག་དམར་ལ་བཅོས་མའི་སྒྱུ་སྐར་གཏོང་མཁན་རྒྱལ་ཁབ་བཞི་པ་དེ་ཆགས་པ་རེད། རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷིས་གསུངས་དོན་ལ་ རྒྱ་གར་གྱིས་བྱེད་ཐུབ་ཀྱི་མ་རེད་བསམ་པའ་ལས་དོན་གལ་ཆེ་ཞིག་ད་རིང་ལམ་ལྷོང་དང་ལྡན་པར་བྱེད་ཐུབ་ཡོད་ཅེས་གསུངས་འདུག་པ་ལྟར། དེ་ནི་རྒྱ་གར་གྱི་དམིགས་ཡུལ་ཆེས་མཐོ་བའི་ལས་འཆར་དེ་ནི་རྒྱ་གར་གྱི་ཚན་རིག་པ་ཚོས་ཧ་ཅང་གནས་ཚད་མཐོ་བའི་འཕྲུལ་རིག་ལག་རྩལ་ལག་བསྟར་བྱེད་ཐུབ་པའི་ནུས་པ་ཡོད་པ་གསལ་སྟོན་འདོན་བྱས་པ་ཞིག་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG