ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟླ་བ་རྗེས་མའི་ནང་རྒྱ་བལ་དུ་ཕེབས་རྒྱུ།


ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ས་རཱ་སི་ཝལ་ལགས་ཕྱི་ཟླ་བཅུ་བའི་ནང་རྒྱ་བལ་གཉིས་ཀྱི་ནང་ཕེབས་ནས་བོད་མི་རྣམས་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་སྲིད་ཇུས་ལག་བསྟར་ཡོང་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་གསུངས་ཡོད།།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་སྲིད་གཞུང་ལེགས་བཅོས་ཐད་ཀྱི་གལ་ཆེའི་ཚོགས་ཆུང་ཞིག་གི་སྟེང་ཨ་རིའི་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་འབད་བརྩོན་ཇི་འདྲ་གནང་མུས་ཡིན་པའི་སྐོར་སྙན་གསེང་ཞུས་དོན་དུ། བོད་མི་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་ང་ཚོས་མུ་མཐུད་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་བྱེད་བཞིན་པ་དེ་འདྲ་ད་བར་བྱུང་མྱོང་མེད། ཕྲན་རང་ཉིད་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་མ་ཡིན་སྟབས། བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་གཞུང་གིས་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་ཡོང་སླད་ཨ་རིའི་གཞུང་གིས་འབད་བརྩོན་གནང་བཞིན་པ་དེར་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ཁོ་མོའི་འོས་འགན་ཞིག་ཡིན་ཞེས་གསུངས་ཡོད།།

དེ་བཞིན་དུ་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ལས་གནས་འདིར་བཀོད་མ་ཐག་ཏུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་པ་མ་ཟད། ཕྱི་ཟླ་ ༡༠ ནང་ཕྲན་རང་རྒྱ་གར་དང་བལ་ཡུལ་ནང་བསྐྱོད་ནས་བོད་མི་རྣམས་དང་ཐུག་འཕྲད་བྱ་འཆར་ཡོད། སྲིད་འཛིན་ཨོ་བྷ་མ་མཆོག་དང་ཕྱི་འབྲེལ་དྲུང་ཆེ་ཇོན་ཀེ་རི་མཆོག་རྣམ་གཉིས་ནས་རྒྱ་ནག་གཞུང་ལ་ཤར་ཏུ་ཀི་སི་ཐན་དང་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་དེ་དག་ལྷོད་ཡང་དུ་གཏོང་པའི་རེ་འདུན་ཡང་ཡང་བཏོན་པ་ཡིན་ཞེས་སོགས་གསུངས་ཡོད།།

XS
SM
MD
LG