ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྤྱི་འཐུས་ལྷན་ཁང་ནས་ལྷ་མོ་བཀྲིས་ལགས་ལ་གཞུང་འབྲེལ་མྱ་ངན་གྱི་གྲོས་ཆོད་བཞག་པ།


ད་ལྟ་འཚོག་བཞིན་པའི་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་༨པའི་ཐོག་ད་ལམ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་གྱི་མཚན་དཀྱིལ་དུ་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར་ གཙོད་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་ གྲོས་ཆོད་ནང་དུ་རྒྱལ་གཅེས་དཔའ་བོ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་གྱི་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་འབྲེལ། ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཞེས་སོགས་འཁོད་ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG