ངོ་འཕྲད་བདེ་བའི་དྲ་འབྲེལ།

གཞུང་ཁྲལ་སྤྲོད་རྒྱུ་ལས་གཡོལ་ཐབས་བྱེད་མཁན་རིགས་འགོག་རྒྱུར་རྒྱལ་ཁབ་ཉི་ཤུ་མོས་མཐུན་བྱུང་ཡོད་པ།


འཛམ་གླིང་ནང་ནས་དཔལ་འབྱོར་དར་རྒྱས་ཆེ་ཤོས་རྒྱལ་ཁབ་ཉི་ཤུའི་དཔལ་འབྱོར་བློན་ཆེན་དང་། དངུལ་ཁང་ཆེ་ཁག་གི་འགན་འཛིན་མི་སྣའི་ཚོགས་འདུ་ཞིག ཨཽ་སེ་ཀྲེལི་ཡེའི་ནང་འཚོགས་ཡོད་པ་དེ། གཟའ་ཉི་མའི་ཉིན་མཇུག་འགྲིལ་ཏེ། ཚོགས་ཞུགས་རྣམས་མཐུན་མོང་གི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། བཟོ་ཚོང་ཁང་ཆེ་ཁག་མང་པོས་གཞུང་འབུལ་དཔྱ་ཁྲལ་ལས་གཡོལ་རྒྱུའི་ཆེད་དུ། རང་གི་ཁེ་བབས་རྣམས་རྒྱལ་ཁབ་གཞན་གྱི་དངུལ་ཁང་ལ་སྤོས་ཏེ། ཁེ་བབས་དེ་ཚོ་བཟོ་སའི་ཡུལ་དེར་དཔྱ་ཁྲལ་གྱི་ཐོག་ནས་གྱོང་གུན་ཆེན་པོ་ཕོག་གི་ཡོད་སྟབས། མགོ་བདེ་དྲན་འཕྲུལ་གྱི་བྱ་སྤྱོད་དེ་རིགས་བཀག་འགོག་བྱ་རྒྱུའི་ཆེད་དུ། རྒྱལ་ཁབ་ཕན་ཚུན་ཁྲལ་བསྡུའི་གནས་ཚུལ་བརྗེ་རེས་བྱ་རྒྱུར་མོས་མཐུན་བྱུང་ཡོད་ལུགས་བཀོད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG