ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་དཔལ་འབྱོར་གྱི་ནག་ཉེས་ཡོད་པའི་རྒྱ་རིགས་༨༨འཚོལ་ཞིབ་བྱེད་ཀྱི་ཡོད་པ།


རྒྱ་ནག་གི་ནང་ལྐོག་ས་རུལ་སྲུང་གི་བྱ་སྤྱོད་འགོག་ཐབས་ཀྱི་ལས་དོན་བྱེད་ཀྱི་ཡོད་པའི་སྐབས་འདིར་ ལྐོག་ས་རུལ་སྲུང་གི་བྱ་སྤྱོད་མཚོན་པའི་དཔལ་འབྱོར་དང་འབྲེལ་བའི་ནག་ཉེས་ཡོད་པའི་རྒྱ་རིགས་མི་གྲངས་༨༨ ཕྱིའི་རྒྱལ་ཁབ་ཨ་མི་རི་ཀ་དང་ དེ་མིན་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ལ་བྲོས་བྱོལ་དུ་བསྐྱོད་པ་དེ་དག་འཛིན་བཟུང་བྱ་རྒྱུའི་དོན་དུ་འཚོལ་ཞིབ་བྱེད་ཀྱི་ཡོད་ལུགས་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གིས་རེས་གཟའ་ཉི་མའི་ཉིན་བརྗོད་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁ་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG