ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རི་མོ་སྒྱུ་རྩལ་བ་ཨ་མདོ་བྱམས་པ་ལགས་སྐུ་འཁྲུངས་ནས་ལོ་༡༠༠ འཁོར་བར་རྗེས་དྲན།


བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་རི་མོ་སྒྱུ་རྩལ་བ་གྲགས་ཅན་ཨ་མདོ་བྱམས་པ་ལགས་འཁྲུངས་ནས་ལོ་འཁོར་བརྒྱ་ཐམ་པ་འཁོར་བར་ཁོང་གི་བརྩམས་ཆོས་ཉི་ཤུ་ལྷག་དང་འབྲེལ་ཡོད་བརྩམས་ཆོས་མང་པོ་ཞིག་འགྲེམས་སྟོན་བྱས་ནས། ཁོང་གི་ཐུན་མོང་མ་ཡིན་པའི་རི་མོའི་ཁྱད་ཆོས་རྗེས་དྲན་བྱས་ཡོད། ཁོང་ནི་༡༩༡༤་ལོར་མདོ་སྨད་གཅན་ཚ་རུ་འཁྲུངས་ཤིང་། ཕོ་བྲང་པོ་ཏཱ་ལའི་རི་མོའི་དགེ་རྒན་ཆེན་མོའི་འགན་བཞེས་པ་དང་། རྒྱ་ནག་གི་རི་མོའི་སྒྱུ་རྩལ་ལ་སློབ་སྦྱོང་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོའི་དངོས་བྲིས་ལུགས་སྲོལ་འབྱེད་མཁན་དུ་གྱུར་བ་རེད། ཨ་མདོ་བྱམས་པ་ལགས་ཀྱིས་༡༩༨༡་ལོར་རྒྱ་གར་དུ་བོད་ཀྱི་བཙན་པོ་མེས་དཔོན་རྣམ་གསུམ་གྱི་རི་མོ་བྲིས་གནང་བ་དང་། གཞོན་དུས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་དང་སྤུན་གྲོགས་ཀྱི་བརྩེ་སེམས་ཚུགས་ཡོད། ཕྱི་ལོ་༢༠༠༢་ལོའི་ཟླ་༣་ཚེས་༢༨་ཉིན་བོད་དུ་ཚེ་ལས་འདས་པ་སྐབས་དེར་དགུང་ལོ་༨༨་ཡིན་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG