ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ནང་ཀུ་ཤུ་རྟགས་ཅན་ཁ་པར་༦ པ་འགྲེམས་སྤེལ་ཕྱིས་འགྱང་བྱས་ཡོད་པ།


ཚེས་༩ཉིན་ཨ་རིའི་Apple འམ་ཀུ་ཤུ་རྟགས་ཅན་གྱི་ཚོང་གཉེར་ཁང་ནས་ iphone 6 ལ་སོགས་པའི་ཐོན་གསར་ཁ་པར་དང་ཆུ་ཚོད་ཁག་ཅིག་ངོ་སྤྲོད་བྱས་ཡོད་ཅིང་། ཚེས་༡༩ཉིན་ཀུ་ཤུ་རྟགས་ཅན་ཁ་པར་༦ པ་ཐོག་མར་ཨ་རི་དང་ཧྥ་རན་སི། ཧོང་ཀོང་། ཁེ་ན་ཌ། ཇཱར་མན། སེང་གྷེ་ཕོར། དབྱིན་ལནཌི། ཨའོ་སི་ཁྲོ་ལི་ཡ། ཉི་ཧོང་བཅས་རྒྱལ་ཁབ་དགུའི་ནང་བཙོང་རྒྱུ་གསལ་བསྒྲགས་བྱས་ཡོད། ཀུ་ཤུ་རྟགས་ཅན་གྱི་ཚོང་རྟགས་འདིར་དགའ་པོ་བྱེད་མཁན་མང་པོས་གསར་དུ་ཐོན་ པའི་ iphone 6 ཉོ་རྒྱུར་ངང་སྒུག་བྱེད་བཞིན་ཡོད་པའི་ཁོངས་སུ་རྒྱ་ནག་ནང་གི་མི་ མང་པོས་ཀྱང་གང་མྱུར་ཉོ་འདོད་ཡོད་ན་ཡང་རྒྱ་ནག་གི་ལྟ་ཞིབ་དོ་དམ་ཚན་པས་ཕྱིར་ འཚོང་ཆོག་པའི་ཆོག་མཆན་ཐོབ་མེད་པར་བརྟེན་ཚེས་༡༩ཉིན་རྒྱ་ནག་ནང་འགྲེམས་སྤེལ་ བྱ་རྒྱུའི་གོ་སྐབས་ཤོར་ཡོད་འདུག འདི་ལོ་ཟླ་བ་བདུན་པའི་ནང་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ཁང་ནས་གནས་ཚུལ་ཞིག་སྤེལ་བའི་ནང་ཀུ་ཤུ་རྟགས་ཅན་ཁ་པར་གྱིས་རྐྱེན་པས་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་པ་བརྗོད་ཡོད།

རྒྱ་ནག་འདི་བཞིན་ཀུ་ཤུ་ཚོང་གཉེར་ཁང་གི་ཁྲོམ་རྭ་ཆེ་ཤོས་འདི་ཡིན་པ་དང་། ད་རེས་དུས་ཐོག་ལ་རྒྱ་ནག་ནང་འགྲེམས་སྤེལ་མི་ཐུབ་པ་འདིས་ཚོང་གཉེར་ཁང་ལ་དཀའ་ངལ་ཅུང་ཟད་འཕྲད་སྲིད་པ་རེད་འདུག ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་ནང་བོད་ཡིག་བེད་སྤྱོད་ཡག་པོ་ཡོང་གི་ཡོད་པར་ བརྟེན་བོད་ཕྱི་ནང་གི་བོད་མིའི་ཁྲོད་ནས་ཀྱང་དགའ་བསུ་ཐོབ་བཞིན་ཡོད་པ་དང་། རྒྱ་གར་ནང་སྤྱི་ཟླ་༡༠ཚེས་༡༧ ཉིན་དངོས་སུ་ཁྲོམ་རྭའི་ཐོག་འཚོང་གི་ཡོད་འདུག

XS
SM
MD
LG