ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་སྐུ་ཕྲེང་མཐའ་མ་ཡིན་ཞེས་པའི་གསར་འགྱུར་དེ་གོ་ནོར་ཐེབས་པ།


ཉེ་ཆར་འཇར་མན་གྱི་དུས་དེབ་སྐད་གྲགས་ཅན་ཞིག་གི་གསར་འགོད་པས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་ཏེ། ༧གོང་ས་མཆོག་གིས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་འདི་ཏཱ་ལའི་བླ་མའི་སྐུ་ཕྲེང་མཐའ་མ་དེ་ཡིན་སྲིད་ཅེས་གསུངས་པ་རེད་ཟེར་པའི་གསར་འགྱུར་ཞིག་ཁྱབ་བསྒྲགས་ཆེན་པོ་བྱུང་ཡོད་ཅིང་། འདི་ག་རླུང་འཕྲིན་ཁང་གིས་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་སྣེ་ཚོར་དོགས་འདྲི་ཞུས་པའི་སྐབས་སུ་འཇར་མན་གྱི་གསར་འགོད་པ་དེར་༧གོང་ས་མཆོག་གིས་གནད་དོན་དེའི་སྐོར་ལ་འགྲེལ་བཤད་དང་བཀའ་ལན་རིང་པོ་ཞིག་གནང་བའི་ཁོངས་ནས་ཚིག་སྒྲུབ་ཅིག་ཟུར་འདོན་བྱས་ཡོད་པ་ལས། གསར་འགོད་པ་དེས་༧གོང་ས་མཆོག་གི་བཀའ་ལན་ཆ་ཚང་ཞིག་གོ་བ་མ་ལོན་པར་ཚིག་དུམ་ཞིག་ལ་གོ་ནོར་ཐེབས་པའི་གསར་འགྱུར་བཀོད་པ་ཞིག་རེད་ཅེས་འགྲེལ་བཤད་གནང་བ་ཡིན་པ་དང་། དོན་དངོས་སུ་༧གོང་ས་མཆོག་གིས་ལོ་མང་གོང་ནས་ཏཱ་ལའི་བླ་མ་དང་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་དགོས་མཁོ་ཡོད་མེད་ནི་བོད་རྒྱ་ཆེའི་མི་དམངས་ཀྱིས་ཐག་གཅོད་བྱ་དགོས་པ་ཞིག་ཡིན་ཞེས་ལན་མང་གསུངས་ཡོད་པ་འཇར་མན་གྱི་དུས་དེབ་གསར་འགོད་པ་དེར་བསྐྱར་ཟློས་གནང་བ་ཡིན་པས། གསར་འགྱུར་དེ་༧གོང་ས་མཆོག་གི་དགོངས་བཞེད་གསར་པ་གང་ཡང་མིོན་ཞེས་འགྲེལ་བརྗོད་གནང་བྱུང་།།

XS
SM
MD
LG