ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇར་མི་ནི་ནང་ཚོགས་པའི་བོད་རྒྱ་མཁས་པའི་བགྲོ་གླེང་ཚོགས་ཆེན་གྲོལ་འདུག


འཇར་མི་ནི་ཡི་གྲོང་ཁྱེར་ཧེམ་བྷཀ་ནང་འདི་ཟླའི་ཚེས་༢༦ཉིན་ནས་འགོ་བཙུགས་ཏེ་ཉིན་གྲངས་གསུམ་གྱི་རིང་འཚོགས་པའི་བོད་རྒྱ་མཁས་པའི་བགྲོ་གླེང་ཚོགས་ཆེན་དེ་ཚོགས་གྲོལ་བ་དང་། ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་བོད་མི་དང་རྒྱ་རིགས་ཤེས་ཡོན་ཅན་དང་དེ་བཞིན་བོད་རྒྱའི་གནད་དོན་ཐད་གི་ཆེད་ལས་པ་སོགས་མི་གྲངས་བརྒྱ་ཡས་མས་ཤིག་འཛོམས་ཏེ་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ལ་གོ་བསྡུར་ལྷུག་པོ་བྱུང་ཡོད་པའི་སྐོར་ སུསི་སྐུ་ཚབ་དོན་གཅོད་ནང་གི་རྒྱ་རིགས་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས་སུ་པདྨ་བདེ་ཆེན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG