ངོ་འཕྲད་བདེ་བའི་དྲ་འབྲེལ།

ནེའུ་ཡོག་ཏུ་དཔལ་རྒྱལ་བ་རྐམ་པའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལམ་ཨ་རིའི་མེ་ནེ་སོ་ཊ་མངའ་སྡེའི་བོད་ཀྱི་རིག་གཞུང་སློབ་གྲྭའི་འབྲེལ་མཐུད་པ་རྒན་དབང་རྒྱལ་ལགས་དགུང་ལོ་༦༡ གི་སྟེང་སྐུ་ཚེ་འཕོས་པ་དང་། ཁོང་གིས་འདས་པའི་ལོ་ངོ་བཅུ་བདུན་ཙམ་ཀྱི་རིང་ས་གནས་བོད་ཕྲུག་ཚོའི་ཤེས་ཡོན་སློབ་གསོའི་ཐད་ཕྱག་ལས་མང་པོ་གནང་ཡོད་པ་མ་ཟད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐད་ལ་ཡང་ཞབས་འདེགས་ཆེན་པོ་ཞུས་ཡོད་རེད། ཁོང་སྐུ་ཚེ་མ་འཕོས་གོང་བྱང་ཨ་རིའི་ནང་གི་བོད་ཡིག་སློབ་གྲྭ་ཁག་གི་སློབ་དེབ་བཅོས་སྒྲིག་བྱེད་ཕྱོགས་ཀྱི་ཐད་ལ་ཡང་ཕྱག་ལས་མང་པོ་ཞིག་གནང་འདུག། བགྲོ་གླིང་མདུན་ལྕོག་ལས་རིམ་གྱིས་རྒན་དབང་རྒྱལ་ལགས་རྒྱུས་མངའ་ཡོད་པའི་མི་སྣ་བཞི་ལ་རྒན་ལགས་ཀྱི་མི་ཚེའི་ལོ་རྒྱུས་ལ་རྗེས་དྲན་ཞུ་བ་དང་འབྲེལ་་རྒན་དབང་རྒྱལ་ལགས་ཀྱིས་ཕྱག་ལས་གནང་བ་ཁག་གི་ཐད་བཀའ་མོལ་ཞུ་གི་རེད།

XS
SM
MD
LG