ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

འཛམ་གླིང་གི་གླིང་ཆེན་གསུམ་གྱི་ནང་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨོས་ཊ་ལི་ཡ་བོད་ཀྱི་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་ཡུལ་དེའི་ནང་གནས་འཁོད་བོད་མི་ཚོས་ཡུལ་ དེའི་གྲོས་ཚོགས་འཐུས་མི་ཚོར་བོད་དོན་ཞུ་གཏུགས་ལས་འགུལ་ཞིག་སྤེལ་ཡོད་ཅིང། ཉིན་གྲངས་གཅིག་གི་ལས་འགུལ་སྐབས་ཨོས་ཊ་ལི་ཡའི་གྲོས་ཚོགས་འཐུས་མི་ཁྱོན་༤༢ ཙམ་ཐུག་ འཕྲད་ཀྱིས་བོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཐུབ་ཡོད་པ་རེད། དེ་བཞིན་རྒྱ་གར་གྱིས་རྒྱལ་ས་ལྡི་ལིའི་ནང་ ་བོད་པའི་རང་དབང་ཅན་གྱི་ཚོགས་པ་བཞི་ཡིས་ཉིན་གྲངས་གཉིས་ཀྱི་རིང་ཞུ་སྐུལ་ལས་འགུལ་ནུས་པ་ ལྡན་པ་ཞིག་སྤེལ་ཡོད་པ་རེད། དེ་མཚུངས་ཀེ་ན་ཊའི་ས་ཁུལ་མང་པོའི་ནང་བོད་མི་ཚོས་བོད་དོན་ཞུ་ སྐུལ་ལས་འགུལ་སྤེལ་མུས་ཡིན་པ་རེད། བགྲོ་གླིང་མདུན་ལྕོག་ལས་རིམ་གྱིས་རྒྱལ་ཁབ་གསུམ་ནང་སྤེལ་བའི་ཞུ་འབོད་ལས་འགུལ་གྱི་ནུས་པ་དང་གལ་གནད་སྐོར་བཀའ་མོལ་ཞུ་གི་རེད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG