ཨ་རིའི་མཱི་ཎི་སོ་ཌའི་བོད་པ་ཚོས་ལོ་སར་ལ་གྲ་སྒྲིག
ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་༢་ཉིན་ནི་བོད་རྒྱལ་ལོ་༢༠༡༤༡་ཤིང་རྟ་ལོའི་ལོ་སར་ཚེས་༡་ཡིན་ཞིང་། ད་ལོའི་བཀྲ་ཤིས་པའི་ཚེས་བཟང་དུས་བཟང་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དབུ་བཞུགས་གནང་སྟེ། ཨ་མི་རི་ཀའི་མཱི་ཎི་སོ་ཌའི་བོད་པ་ཚོ་དང་གཞན་ཡང་ཕྱོགས་མཐའ་ཁག་ནས་བཅར་བའི་བོད་པ་བཞི་སྟོང་བརྒལ་བ་ཞིག་ལྷན་འཛོམས་ཐོག་ཏུ་བོད་པའི་ལོ་སར་གྱི་མཛད་སྒོ་གྲ་རྒྱས་ཤིག་སྲུང་བརྩི་གནང་རྒྱུ་ཡིན་པས། འདི་གའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་མཛད་སྒོ་གོ་སྒྲིག་པ་མཱི་ཎི་སོ་ཌ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ངག་དབང་འཆི་མེད་ལགས་ཀྱིས་ལོ་སར་གྱི་མཛད་རིམ་ངོ་སྤྲོད་དང་སྦྲགས། ས་གནས་དེའི་གཞོན་སྐྱེས་ཚོར་ལོ་སར་གྲ་སྒྲིག་ལ་ཐོག་མཐའ་བར་གསུམ་དུ་འགན་ཁུར་ཆེ་བཞེས་བྱེད་ཀྱིན་ཡོད་པའི་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང་།
ལེ་ཚན།
-
སྤྱི་ཟླ་གསུམ་པ། ༢༩།༢༠༢༤
ཕལ་སྐད་གླེང་མོལ། བོད་ཀྱི་གཏམ་དཔེའི་དགེ་མཚན་དང་རིན་ཐང་གླེང་བ།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༤
ཧཱ་རྫ་བུ་ལས་ཨི་སི་རལ་ནང་མེ་ཤུགས་ཕུར་མདེལ་ཁག་བརྒྱབས་ཡོད་པ།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༤
རྒྱ་གར་གྱི་དམག་མིར་བོད་ཡིག་སློབ་ཁྲིད།
-
སྤྱི་ཟླ་གསུམ་པ། ༢༨།༢༠༢༤
ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་དང་འབྲེལ་བའི་བསྐྱར་བཅོས་འགྲོ་མ་ཐུབ་པ།
-
སྤྱི་ཟླ་གསུམ་པ། ༢༧།༢༠༢༤
༧གོང་ས་མཆོག་གིས་བཀའ་སློབ་ལས་བཏུས་པའི་ལམ་སྟོན་ཞེས་པའི་ལས་རིམ་ངོ་སྤྲོད།
-
སྤྱི་ཟླ་གསུམ་པ། ༢༧།༢༠༢༤
བྷལ་ཊི་མོར་ཟམ་པ་ལ་གནོད་སྐྱོན་བྱུང་སྟེ་རླངས་འཁོར་འགའ་ཤས་ཆུའི་ནང་ལྷུང་བ།