ངོ་འཕྲད་བདེ་བའི་དྲ་འབྲེལ།

རླུང་འཕྲིན།

འཛམ་གླིང་རྐང་རྩེད་པོ་ལོའི་འགྲན་བསྡུར་དང་བོད་དོན་ལས་འགུལ་གྱི་གོ་སྐབས།


འཛམ་གླིང་གི་རྐང་རྩེད་པོ་ལོའི་འགྲན་བསྡུར་ཆེན་མོ་དེ་ལོ་རྗེས་མར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷེ་རེ་ཛིལ་ཚུགས་རྒྱུ་ཡིན་པས། སྐབས་དེར་བྷེ་རེ་ཛིལ་ལ་འཛམ་གླིང་ཡུལ་གྲུ་ཁག་གི་མི་མང་ཕོན་ཆེན་འཛོམ་རྒྱུ་ཡིན་ཞིང་། ཡུལ་དེར་གནས་ཚུལ་ཆེ་ཕྲ་ཅི་ཞིག་བྱུང་ཡང་གང་ཅིའི་ཐད་ལ་དོ་སྣང་ཇེ་ཆེར་འགྲོ་རྒྱུ་ཡིན་པ་ངེས་གཏན་ཡིན་པར་བརྟེན། ཡུ་རོབ་ཡུལ་གྲུ་སྦེལ་འཇིམ་ལ་གནས་སྡོད་བྱེད་མཁན་ཕུན་ཚོགས་དབང་འདུས་ལགས་ཀྱིས་གཟའ་འཁོར་ཁ་ཤས་གོང་དུ་འགོ་ཚུགས་པའི་འཛམ་གླིང་རྐང་རྩེད་པོ་ལོའི་སྔོན་འགྲོའི་འགྲན་བསྡུར་སྐབས་སུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཁོང་གིས་རྗེས་མར་རྩེད་འགྲན་དངོས་གཞིའི་སྐབས་སུའང་བྷེ་རེ་ཛལ་ལ་ཆེད་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་སྤེལ་མཁན་མང་ཙམ་བྱུང་ན་དགེ་མཚན་ཆེ་བའི་དགོངས་ཚུལ་བཏོན་ཡོད་པས། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ལ་ཕུན་ཚོགས་དབང་འདུས་ལགས་ཀྱིས་དེའི་སྐོར་གླེང་མོལ་གནང་བ་དེ་གསན་རོགས་གནང་།།

XS
SM
MD
LG