ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨
གཞོན་སྐྱེས་དང་ཤེས་ཡོན།

ཨ་རིའི་བཀྲིན་རྗེས་དྲན་ཉིན་མོར་བོད་ཟས་སྡོད་ཁྱིམ་དུ་སྐྱེལ་འདྲེལ་ཞབས་ཞུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདི་ལོའི་ཕྱི་ཟླ་བཅིུག་པའི་ཚེས་༢༨ཉིན་མོ་དེ་ནི་ཨ་རིའི་ནང་བཀྲིན་རྗེས་དྲན་གྱི་ཉི་མོ་ཞེས་སྲུང་བརྩི་བྱེད་བའི་ སྲོལ་རྒྱུན་གྱི་ནང་ནས་གལ་ཆེ་བ་གཅིག་ནི་ཁྱིམ་ཚང་སོ་སོའི་ནང་མི་དང་དགའ་ཉེ་སྤུན་གྲོགས་ཆེད་འཛོམས་བྱས་ཏེ་དགོང་དྲོའི་ཁ་ལག་ཟ་ཡས་དེ་ཡིན་པ་རེད། ད་ལོ་རྒྱལ་ས་ཝ་ཤིང་ཀྲན་གྱི་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་དེ་ཉིན་དགོང་དྲོ་བོད་ཟས་མོག་མོག་སོགས་བཟོས་ཏེ་ཉོ་མཁན་སོ་སོའི་སྡོད་ཁྱིམ་རེ་རེར་སྐྱེལ་འདྲེན་བྱེད་རྒྱུའི་ལས་རིམ་ཞིག་སྤེལ་གྱི་འདུག་པས་་འདིའི་ཐད་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་དང་མཐུན་བསྒྲིལ་འགན་འཛིན་གཉིས་ཀྱིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་གླེང་མོལ་གནང་བ་དེ་གསན་གྱིས་གི་རེད།

XS
SM
MD
LG