ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁ་པར་ཉོ་མཁན་གྱི་མིང་ངོ་མ་དེབ་སྐྱེལ་དགོས་པའི་སྲིད་ཇུས་འོག་བོད་མིར་ངན་ཁ་ཆེ་རུ་འགྲོ་སྲིད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་པར་དང་དྲྭ་རྒྱའི་ཆེད་དུ་རང་གི་མིང་ངོ་མ་དེབ་སྐྱེལ་བྱེད་དགོས་པའི་སྲིད་ཇུས་དེ་རྒྱ་ནག་སྲིད་གཞུང་གི་ལས་འགུལ་གསར་ཤོས་ཀྱི་གྲས་ཤིག་རེད། འོན་ཀྱང་རྒྱ་ནག་ནང་དེའི་ཐད་བསམ་ཚུལ་འདྲ་མིན་བྱུང་སྟེ་བགྲོ་གླེང་བྱེད་བཞིན་པའི་སྐབས་སུ། བོད་ཀྱི་ས་ཁུལ་འགའ་ཤས་ནང་དེ་དོན་དངོས་སུ་ལག་ལྟར་བྱས་ཟིན་པ་མ་ཚད། བོད་རང་སྐྱོང་ལྗོངས་ནང་བོད་མི་ཚང་མའི་མིང་ངོ་མ་དེབ་སྐྱེལ་བྱས་ཟིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་གྱིས་སྲིད་ཇུས་འདིའི་འོག་ནས་བོད་མི་ཚོར་སྔར་ལས་ལྷག་པའི་ངན་ཁ་དང་གྱོང་ཁ་རག་སྲིད་པའི་སྐོར་ཕྱོགས་བསྒྲིགས་བྱས་པ་ཞིག་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG