ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གློད་བཀྲོལ་གཏོང་རྒྱུའི་དུས་ཚོད་ཡོལ་ཀྱང་བློ་བཟང་བསྟན་འཛིན་གློད་བཀྲོལ་བཏང་ཡོད་མིན་མི་ཤིས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་གསུམ་པའི་ཚེས་༥་ཉིན་མོ་དེ་དེང་སྐབས་རྒྱ་ནག་གི་བཙོན་ཁང་ནང་སྡོད་ཡུན་རིང་ཤོས་ཀྱི་བོད་ཀྱི་ཆབ་སྲིད་བཙོན་པ་བློ་བཟང་བསྟན་འཛིན་བཙོན་འཇུག་བྱས་ནས་ལོ་༢༥་འཁོར་ཡོད། ཁོང་བཙོན་འཇུག་དུས་བཀག་སྐོར་གྱི་གནས་ཚུལ་ལ་ལྟས་ན། ཁོང་ན་ནིང་ལོར་གློད་བཀྲོལ་གཏོང་དགོས་ཀྱི་ཡོད་ཀྱང་། ད་དུང་ཡང་ཁོང་གློད་བཀྲོལ་བཏང་ཡོད་མེད་སྐོར་ལ་སྐད་ཆ་ཞིག་མ་གཏོགས་པའི་གནས་ཚུལ་གསལ་པོ་མེད་པ་དང་། ཁོང་གི་ནང་མི་ཚོས་ཁོང་གི་སྐོར་ཤོད་ཕོད་ཀྱི་མེད་པའི་རྣམ་པ་ཡོད་པ་འབྲེལ་ཡོད་མི་ཚོས་ཤེས་ཚོར་བྱུང་འདུག

XS
SM
MD
LG