ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ནང་གི་བོད་མི་མང་པོས་བོད་ཆུ་སྦྲུལ་ལོའི་ལོ་གསར་དེ་མྱ་ངན་གྱི་རྣམ་པ་དང་བཅས་ཏེ་སྲུང་བརྩི་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་རྒྱལ་ས་ལྷ་ས་དང་ཡུན་ནན་ཞིང་ཆེན་གྱི་བོད་ཀྱི་ས་ཁུལ་ཞིག་ནང་ལོ་གསར་སྐབས་སུ་གཞུང་འབྲེལ་གྱིས་ཚོགས་པའི་ཁྲ་ཁྲ་ཟིང་ཟིང་གི་དུས་ཆེན་གྱི་མཛད་སྒོ་རྣམས་རྒྱང་སྲིང་བྱས་ཡོད་མོད། འདི་གར་བོད་ནང་ལ་ཐད་ཀར་འབྲེལ་བ་ཡོད་པའི་བོད་མི་བདུན་གྱིས་བརྗོད་པ་ལྟར་ན། བོད་ནང་མི་མང་པོས་ལོ་འདིའི་ནང་ལོ་གསར་མ་བཏང་བར་ཆོས་ཕྱོགས་ཀྱི་སྨོན་ལམ་འདོན་པ་གཅིག་པུ་བྱས་པ་དང་། འགའ་ཤས་ཀྱིས་རང་ལུས་མེར་སྲེག་གཏོང་མཁན་གྱི་དཔར་སྒྲིག་གཤེམས་བྱས་ཏེ་མཆོད་འབུལ་བྱས་པ་སོགས་མྱ་ངན་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།

XS
SM
MD
LG