ངོ་འཕྲད་བདེ་བའི་དྲ་འབྲེལ།

གངས་རིའི་བྲག་ཅ།

རྒྱ་ནག་གཞུང་གིས་བོད་པ་རང་སྲེག་པའི་འབོད་སྐུལ་ལ་ལན་འདེབས་དང་རྒྱལ་སྤྱིའི་དཔྱད་ཞིབ་པའི་ལྟ་ཚུལ།


བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཚོས་༧གོང་ས་མཆོག་བོད་ལ་ཕེབས་དགོས་པའི་དགོས་འདུན་བཏོན་པ་དེར་རྒྱ་ནག་གཞུང་གིས་ལན་འདེབས་ཀྱིས་༧གོང་ས་མཆོག་བོད་ལ་ཕེབས་མི་ཐུབ་པའི་རྒྱུ་མཚན་ནི་༧གོང་ས་མཆོག་གང་ཉིད་དང་བཙན་བྱོལ་བོད་གཞུང་གི་མཛད་སྤྱོད་ལ་ཐུག་ཡོད་ཅེས་འགྲེལ་བཤད་བརྒྱབ་མོད། འོན་ཀྱང་རྒྱལ་སྤྱིའི་མཁས་པ་ཞིག་གིས་འདི་ག་རླུངས་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གིས་དྲིལ་བསྒྲགས་ཆེད་དུ་བཤད་པའི་སྐད་ཆ་དེ་དག་དོན་དངོས་ལ་མཐུན་གྱི་མེད་པའི་སྐོར། ང་ཚོའི་གངས་རིའི་བྲག་ཅའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་ཞིག་གསན་རོགས་གནང་།།

XS
SM
MD
LG