ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་རིག་པའི་ཚོགས་ཆེན་ཐེངས་དགུ་པ་དང་དྲུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟླ་བ་སྔོན་མའི་ཕྱི་ཚེས་༢༡ ནས་༢༥ བར་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་གི་ལབ་དགོན་པར་ གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པ་ཚོགས་ཡོད་པ་དང་། ལྷན་འཛོམས་ཐེངས་དགུ་པའི་སྐབས་ཚོགས་བཅར་བ་ཚོས་༧གོང་ས་མཆོག་གི་དགོངས་བཞེད་དང་ ནང་ཆོས་ཀྱི་ངོ་བོ་དང་ཕན་ནུས་ བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སོགས་བརྗོད་གཞི་མང་པོའི་ཐོག་བགྲོ་གླིང་གནང་འདུག།་དེ་ནས་། ཟླ་བ་འདིའི་ཕྱི་ཚེས་༡ ནས་༤ བར་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་ས་རྭ་མཐོ་སློབ་ཁང་དུ་ གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་པའི་ཕུགས་བསམ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དེ་ཚོགས་ཡོད་པ་རེད།་ གཟའ་འཁོར་འདིའི་མདུན་ལྕོག་གི་བགྲོ་གླེང་ལས་རིམ་གྱིས་ སེ་ར་ཐེག་ཆེན་གླིང་གི་དགེ་འདུན་པ་ངག་དབང་སྟོབས་ལྡན་ལགས་དང་ ས་རྭ་མཐོ་སློབ་ཁང་གི་སློབ་གཉེར་བ་བློ་གྲོས་རྒྱལ་མཚན་གཉིས་གདན་འདྲེན་ཞུས་ཏེ་ གོང་ཞུས་བགྲོ་གླེང་ཚོགས་འདུའི་སྐབས་ལ་གནད་དོན་གཙོ་ཚེ་བ་འགའ་རེ་གླེང་སློང་བྱུང་མིན་དང་བགྲོ་གླིང་ཚོགས་འདུ་གཉིས་བར་མི་འདྲ་བའི་ཁྱད་པར་དང་མཚུངས་པའི་ངོ་བོ་སོགས་ཀྱི་སྐོར་གླིང་སློང་བྱེད་ཀྱི་རེད།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG