ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་གར་དང་འབྲེལ་བ་བཟང་དུ་གཏོང་གལ་སྐོར་གསུངས་པ།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ ཀེ་རིས་རྒྱ་གར་ལ་ཕེབས་རྒྱུའི་སྔ་ནུབ་དེར་ཝ་ཤིན་ཌོན་ནང་གསུངས་བཤད་གནང་བའི་ནང་རྒྱ་གར་ནང་སྲིད་གཞུང་གསར་པས་ཨ་རི་དང་རྒྱ་གར་གྱི་འབྲེལ་བར་གོ་སྐབས་གསར་པ་སྤྲད་པའི་བརྒྱུད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འགྱུར་བའི་ཁ་ཕྱོགས་ཀྱི་མཚམས་ལ་བསླེབས་ཡོད་ཅེས་གསུངས་འདུག་པ་དང་། ད་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཙམ་བཟང་པོ་མ་བྱུང་བའི་ལོ་རྒྱུས་ཡོད་པར་ལྟོས་མེད་ཀྱིས་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་གསར་པ་དེས་འཛམ་གླིང་གི་དཀའ་ངལ་མང་པོ་སེལ་རྒྱུར་ཕན་ཐོགས་བྱེད་ཐུབ་རྒྱུར་ཕྱི་སྲིད་དྲུང་ཆེ་ཇོན་ ཀེ་རིས་རེ་བ་གནང་འདུག་པའི་སྐོར་ལ་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཝིཀ་ཀྲོར་ བྷེ་ཊིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG