ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨ་མདོ་བླ་བྲང་ཁུལ་གྱི་དགོན་པ་ཁག་གི་ནང་རྒྱ་ནག་གཞུང་གིས་ཉེན་རྟོག་ལས་ཁང་ཉི་ཤུ་རྩ་བཞི་བཙུགས་ཡོད་པ།


ཀན་སུ་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་ས་མདོ་སྨད་བླ་བྲང་ཁུལ་གྱི་དགོན་པ་ཁག་གི་ནང་། རྒྱ་ནག་གཞུང་གིས་གཟའ་འཁོར་འདིར། ཉེན་རྟོག་ལས་ཁང་ཉི་ཤུ་ལྷག་གསར་འཛུགས་བྱས་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་དགོན་པ་ཚང་མ་རྒྱ་གཞུང་རང་གི་ཐད་ཀའི་དབང་བསྒྱུར་འོག་བཅུག་སྟེ། དགོན་པའི་ནང་བསླབ་པ་སློབ་གཉེར་གནང་མཁན་བོད་ཀྱི་དགེ་བཙུན་རྣམས་ཀྱི་འགུལ་བསྐྱོད་མཐའ་དག་ལ་ལྟ་རྟོག་ནན་པོ་བྱ་རྒྱུར་དམིགས་པ་ཞིག་ཡིན་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG