ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

༼ཤར་དུང་རི༽་རྐང་འཛིན་རྩོམ་པ་པོ་གཉིས་གློད་གྲོལ་


༼ཤར་དུང་རི༽་རྐང་འཛིན་རྩོམ་པ་པོ་གཉིས་གློད་གྲོལ
༼ཤར་དུང་རི༽་རྐང་འཛིན་རྩོམ་པ་པོ་གཉིས་གློད་གྲོལ
༼ཤར་དུང་རི་༽ཞེས་པའི་བོད་ནང་གི་དུས་དེབ་སྐད་གྲགས་ཅན་གྱི་རྐང་འཛིན་རྩོམ་པ་པོ་གཉན་དང་བྷུ་དྷ་གཉིས་སྤྱི་ལོ་༢༠༡༠ལོར་རྒྱལ་ཁབ་ཁ་བྲལ་བཏང་བའི་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་བཞི་རེ་ཡི་ཁྲིམས་ཐག་བཅད་དེ་སི་ཁྲོན་མཱེན་ཡཱང་བཙོན་ཁང་དུ་བཙོན་མཇུག་བྱེད་ཡོད་པ་རེད། དེ་རིང་སྤྱི་ཟླ་དྲུག་པའི་ཚེས་༢༠ཉིན་ལ་ཁོང་གཉིས་སྔ་ཕྱིར་གློད་གྲོལ་ཐེབས་ཡོད་ཀྱང་། ཁོང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་སོགས་ད་ལྟ་ད་དུང་ཤེས་རྟོགས་ཐུབ་མེད། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁོང་གཉིས་ལ་བཙོན་ཁང་དུ་རྡུང་རྡེག་ཚབས་ཆེན་བྱུང་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་བྱས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG