ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མེ་རི་ཀའི་གཙུག་ལག་སློབ་དཔོན་རྣམས་ཀྱིས། ཀུང་ཙིའི་ལྟ་གྲུབ་སློབ་གཉེར་བྱེད་ཕྱོགས་སུ་བསྐྱར་ཞིབ་བྱེད་དགོས་པའི་འབོད་བསྐུལ་གནང་བ།


芝加哥大学教孔子学院 (网站截图)
ཨ་མེ་རི་ཀའི་གཙུག་ལག་སློབ་དཔོན་མཐུན་ཚོགས་ཀྱིས། གཙུལ་ལག་ སློབ་གཉེར་ཁང་རྣམས་ལ། ཀུང་ཙིའི་ལྟ་གྲུབ་སློབ་གཉེར་ཁང་ཞེས་མིང་བཏགས་ཏེ། རྒྱ་ནག་གཞུང་གིས་རྒྱབ་གཉེར་བྱས་པའི་རིག་གཞུང་དང་སྐད་ཡིག་ གི་ལས་འཆར་བརྒྱ་ཕྲག་གཅིག་ལ་ཉེ་བ་ཞིག ཨ་མེ་རི་ཀ་དང་ཁེ་ཎ་ཌ་ཡོངས་ ཁྱབ་ཀྱི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་དར་ཁྱབ་ཕྱིན་ཡོད་པ་དེ་དག་ མེད་པ་བཟོ་རྒྱུའམ། ཡང་མིན་ན་བཞག་ཟིན་པའི་གྲོས་མཐུན་ཁག་གི་ཐད། གྲོས་མོལ་བསྐྱར་དུ་བྱས་ཏེ། གཙུག་ལག་སློབ་གཉེར་ཁང་སོ་སོའི་ཤེས་ཡོན་སྤྲོད་ ཕྱོགས་ཀྱི་རང་དབང་གི་་རྩ་དོན་དམ་འཛིན་བྱེད་དགོས་པའི་འབོད་བསྐུལ་ བྱེད་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་ རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་ གྱི་རེད།
XS
SM
MD
LG