ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོའི་ནང་དངངས་འཚབ་ཇེ་ཆེར་འགྲོ་བའི་སྐབས་རྒྱ་ནག་གི་ཕྱི་འབྲེལ་གནད་ཡོད་མི་སྣ་ཞིག་ཝི་ཏི་ནམ་ལ་བསྐྱོད་ཡོད་པ།


ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྡོ་སྣུམ་སྲོག་འདོན་བྱེད་པའི་དབང་གིས་དངངས་འཚབ་ཀྱི་གནས་ཚུལ་ཇེ་ཆེར་འགྲོ་བའི་སྐབས་རྒྱ་ནག་གི་རྒྱལ་དོན་ལྷན་ཚོགས་ཀྱི་ནང་དབང་ཤུགས་ཆེན་པོི་ཡོད་པའི་ཕྱི་འབྲེལ་མི་སྣ་གཙོ་བོ་ཡང་ཇའི་ཅི་ཝི་ཏི་ནམ་ལ་བསྐྱོད་ཏེ་ དེ་རིང་རེས་གཟའ་ལྷག་པའི་ཉིན་ཡུལ་དེའི་སྲིད་བློན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་ཕམ་བྷིན་མིན་དང་གྲོས་མོལ་བྱ་རྒྱུ་ཡིན་པའི་སྐོར་ རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG