ངོ་འཕྲད་བདེ་བའི་དྲ་འབྲེལ།

མནར་གཅོད་ཀྱིས་ནག་མེད་ཉེས་འགེལ་མི་ཆོག་པའི་ཡིག་ཆ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་ནས་དོགས་ཡོད་ཉེས་ཅན་པའི་ཐོབ་ཐང་ལ་བརྩི་འཇོག་དང་མནར་གཅོད་ཐོག་ནས་ནག་མེད་ཉེས་འགེལ་མི་ཆོག་པའི་བསམ་འཆར་ཡིག་ཆ་ཟེར་བ་ཞིག་འདོན་ཡོད་པ་དང་ཆེས་མཐོའི་ཁྲིམས་ཁང་གི་ཡིག་ཆ་དེས་འཛིན་བཟུང་བཙོན་བཅུག་བྱེད་བཞིན་པའི་བོད་པ་ཚོའི་ཐོག་ལ་ལག་ལེན་ཡོང་མིན་སོགས་ཀྱི་སྐོར་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་དེ་སྔ་བོད་ནང་འཛིན་བཟུང་བཙོན་བཅུག་འོག་བཞུགས་མྱོང་ཡོད་པའི་མཚོ་སྨོན་གླིང་སྤེན་པ་ལགས་དང་དབྱིན་ཡུལ་གྱི་ལན་ཌན་སློབ་གྲ་ཆེན་མོའི་ནང་རྒྱ་ནག་ཐད་ཀྱི་ཉམས་ཞིབ་པ་ཚེ་རིང་སྟོབས་རྒྱལ་ལགས་གདན་འདྲེན་ཞུས་ཡོད།

XS
SM
MD
LG