ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་པའི་སྤྱི་ཚོགས་དང་རྩེད་རིགས།


བོད་པའི་སྤྱི་ཚོགས་དང་རྩེད་རིགས།
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅། རྩེད་མོའི་རིགས་རྩལ་གྱིས་འགྲོ་བ་མིའི་ལུས་སེམས་ཀྱི་འཚར་ལོངས་ལ་མཐུན་རྐྱེན་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་ནང་མཛའ་མཐུན་དང་མཉམ་འབྲེལ་གོང་འཕེལ་ལ་གཞོགས་འདེགས་བྱེད་མཁན་གལ་ཆེའི་ཆ་ཤས་ཤིག་ལ་ངོས་འཛིན་བྱས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་ཚོགས་མང་པོ་བྱེད་ཀྱི་ཡོད། བོད་ནང་ཆེས་སྔ་བོ་ནས་སྲོལ་རྒྱུན་གྱི་རྩེད་མོའི་རིགས་དར་འཕེལ་བྱུང་ཡོད་པ་དང་། རྗེས་སུ་རྐང་རྩེད་སྤོ་ལོ་སོགས་འཛམ་གླིང་ཀུན་ཁྱབ་རྩེད་རིགས་དར་འཕེལ་འགོ་འཛུགས་བྱུང་ཡོད། དེང་གི་འཆར་བོད་ཕྱི་ནང་གཉིས་སུ་རྩེད་རིགས་ལ་དོན་གཉེར་དང་། ལྷག་པར་བོད་མི་ཚོས་རྐང་རྩེད་སྤོ་ལོ་ལ་དགའ་མོས་དང་དར་བཟོ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེ་རིང་གི་ཀུན་གླེང་ལས་རིམ་གྱིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དུང་ཆེ་དང་རྐང་རྩེད་སྤོའི་རུ་ཁག་གི་སློབ་ཁྲིད་པ་སྐལ་བཟང་དོན་འགྲུབ་ལགས་གདན་འདྲེན་ཞུས་ནས་རྩེད་རིགས་ཀྱི་ནུས་པ་དང་བོད་མིའི་སྤྱི་ཚོགས་ནང་རྩེད་རིགས་ཀྱི་གནས་ཚད་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན

XS
SM
MD
LG