ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་སོགས་ཀྱིས་སི་རི་ཡར་དམག་རྒྱག་ཉེན་ཡོད་པ་།


ཨ་རི་སོགས་ཀྱིས་སི་རི་ཡར་དམག་རྒྱག་ཉེན་ཡོད་པ་།
ཨ་རི་སོགས་ཀྱིས་སི་རི་ཡར་དམག་རྒྱག་ཉེན་ཡོད་པ་།
༄༅།། རྒྱལ་སྤྱིའི་རྟོག་པ་ཚོས་སི་རི་ཡའི་རྒྱལ་ས་ཌ་མ་སི་ཀའི་ཕྱི་ལོགས་སུ་གཞུང་དམག་གིས་མི་མང་གྱེན་ལོག་པ་ཚོར་རྒོལ་རྡུང་གཏང་ཡུལ་ཁག་ལ་རྫས་འགྱུར་མཚོན་ཆ་བདེ་སྤྱོད་བྱས་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ལྔས་སི་རི་ཡའི་གཞུང་དམག་གིས་དངོས་སུ་རང་གི་མི་མང་ལ་རྫས་འགྱུར་གྱི་མཚོན་ཆས་རྒོལ་རྡུང་བཏང་ཡོད་ཚེ། ཨ་མི་རི་ཀ་སོགས་ཀྱིས་སི་རི་ཡར་དམག་རྒྱག་ཆོག་མིན་གྱི་གྲོས་ཆོད་ཅིག་གི་ཟིན་བྲིས་ལ་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་། རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་ཚོས་མིའི་ཁྲག་དང་ནད་རྟགས་ཀྱི་དཔེ་མཚོན་བླངས་ནས་སི་རི་ཡའི་མི་དེ་ཚོར་སྲིད་འཛིན་ཨ་སཏ་ཀྱི་གཞུང་གིས་རྫས་འགྱུར་མཚོན་ཆས་གཏོར་རྒོལ་བྱས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁི་མུན་གྱིས་རྒྱལ་སྤྱིའི་རྟོག་ཞིབ་པ་ཚོར་ཞིབ་འཇུག་མང་ཙམ་བྱེད་པའི་དུས་ཚོད་སྤྲོད་དགོས་ཞེས་འབོད་སྐུལ་གནང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG