ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོས་ཀྲེ་ལི་ཡའི་གཞུང་ཚབ་བོད་ལ་གཟིགས་ཞིབ་ཏུ་ཕེབས་པ།


ཨོས་ཀྲེ་ལི་ཡའི་གཞུང་ཚབ་བོད་ལ་གཟིགས་ཞིབ་ཏུ་ཕེབས་པ།
༄༅། །རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཨོས་ཀྲེ་ལི་ཡའི་གཞུང་ཚབ་ཆེ་མོ་ལྕམ་ཕྷ་རན་སིས་ ཨེ་ཌམ་སོན་གྱིས་གཟའ་འཁོར་སྔོན་མར་བོད་ཀྱི་ས་ཁུལ་ཁག་ཅིག་ལ་གཟིགས་ཞིབ་ལ་ཕེབས་འདུག་པ་དང་། ཨོས་ཀྲེ་ལི་ཡའི་ནང་གཏན་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་རྣམ་རྒྱལ་ཤཱསྟྲིས་གནས་འདྲི་ཞུས་པའི་ནང་ད་ལམ་གྱི་གཟིགས་བསྐོར་དེ་ཨོས་ཀྲེ་ལི་ཡའི་ནང་བོད་དོན་རྒྱབ་སྐྱོར་བ་ཚོས་ཞུ་བསྐུལ་ནན་པོ་གནང་བ་ལྟར་་ཨོས་ཀྲེ་ལི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཁས་ལེན་གནང་བ་ཞིག་རེད་ཅེས་གསུངས་པའི་སྐོར་གསན་རོགས་གནང་།


XS
SM
MD
LG