ཌལ་ཧོར་གཏན་སློབ་ཀྱི་སློབ་མ་སྐྱེད་སྲིང་གྲུབ་འབྲས།
དེ་རིང་གི་ལས་རིམ་ནང་བོད་ས་ཤོར་རྗེས་རྒྱ་གར་གཞུང་ནས་མཐུན་འགྱུར་གནང་བའི་བོད་མིའི་གཏན་སློབ་དང་པོའི་གྲས་ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་༥༠འཁོར་བའི་དུས་དྲན་གནང་བའི་སྐབས་འདིར་སློབ་གྲ་དེ་ནས་འདས་པའི་མི་ངོ་ལྔ་བཅུའི་ནང་དུ་ཤེས་འཇོན་གཉིས་ལྡན་གྱིི་སློབ་མ་སྐྱེད་སྲིང་བྱས་པའི་གྲུབ་འབྲས་ག་ཚོད་ཙམ་འཐོན་ཡོད་མིན་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན། ལས་རིམ་ནང་དུ་ཌལ་ཧོར་གཏན་སློབ་ཀྱི་ད་ལྟའི་བོད་པའི་སློབ་སྤྱི་ཟླ་བ་ཚེ་རིང་ལགས་དང་། ཌལ་ཧོར་གཏན་སློབ་ཀྱི་སློབ་ཕྲུག་ཟུར་པ་དང་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ཡང་ཌལ་ཧོར་གཏན་སློབ་ཀྱི་སློབ་ཕྲུག་ཟུར་པ་དང་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་དཔལ་མོ་མཁས་གྲུབ་ལགས་བཅས་གདན་འདྲེན་ཞུས་ཡོད།
ལེ་ཚན།
-
ཟླ་བ་གསུམ་པ། ༡༡།༢༠༢༥རེ་ཆར་ཌི་གྷེ་ཨེར་དང་ཡུ་རོབ་ནང་གི་གསུམ་བཅུའི་དུས་དྲན།
-
ཟླ་བ་གསུམ་པ། ༡༠།༢༠༢༥བོད་གཞིས་བྱེས་གཉིས་ཀྱི་ལས་འགུལ།
-
ཟླ་བ་གསུམ་པ། ༡༠།༢༠༢༥མོན་ཡུལ་དུ་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབ།
-
ཟླ་བ་གསུམ་པ། ༠༤།༢༠༢༥རྒྱ་ནག་གི་ཚོགས་ཆེན་གཉིས་ཞེས་པར་དཔྱད་ཞིབ།
-
ཟླ་བ་གསུམ་པ། ༠༣།༢༠༢༥བོད་ཀྱི་དགུང་གསར་རྗེས་ཀྱི་ཆོས་ཕྱོགས་བྱེད་སྒོ།
-
ཟླ་བ་གཉིས་པ། ༢༨།༢༠༢༥ལོ་གསར་གྱི་བྱུང་རབས།