བཞུགས་སྒར་མདོ་སྨད་དབུས་རྒྱུན་ལས་ཁང་དུ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ བཅས་ཀྱི་མདོ་སྨད་ཡན་ལག་ཉི་ཤུ་ལྷག་གི་སྐུ་ཚབ་ལྷན་འཛོམས་ཐོག་སྤྱི་ལོ་ ༢༠༡༥ལོར་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་༧སྐུའི་འཁྲུངས་ སྐར་སྐབས་མདོ་སྨད་ཁུལ་གྱི་སྲོལ་རྒྱུན་ལྟར་སྐུའི་གྱ་སྟོན་རྒྱས་པ་ཞིག་མདོ་སྨད་ ཆོལ་ཁས་གོ་སྒྲིག་ཞུ་རྒྱུའི་སྐོར་སྐུའི་གྱ་སྟོན་ཚོགས་ཆུང་གིས་གསལ་བསྒྲགས་གནང་ ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།