ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ།


༄༅།། གསར་དུ་བཙུགས་པའི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་དེའི་མིང་ལ་མི་དམངས་བསྐྱུས་མ་ཚོགས་པ་ཟེར་ཞིང་། ཚོགས་པ་དེ་རྩ་འཛུགས་བྱེད་མཁན་ནི་རང་ལོ་༤༤་ཡིན་པའི་དཔྱ་ཁྲལ་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་ཨར་བེན་ཀེ་ཇེ་བལ་ཡིན་པ་དང་། ཁོང་ནི་སྤྱི་ཚོགས་ཀྱི་ནང་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བྱས་ནས་རྒྱལ་ཁ་ཐོབ་མྱོང་ཡོད་པ་མ་ཟད། ལྐོག་ཟ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྒྱལ་ཡོངས་སུ་སྙན་གྲགས་ཡོད་པ་དང་མི་མང་གིས་རྒྱབ་སྐྱོར་ཐོབ་ཡོད་པའི་མི་ཞིག་ཡིན་ཞིང་།

ཁོང་གིས་ཚོགས་པ་འདི་བཙུགས་ནས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང། སྐུ་ཞབས་ཀེ་ཇེ་བལ་གྱིས་སྲིད་དོན་ཚོགས་པ་བཙུགས་ཏེ་ཆབ་སྲིད་ཀྱི་ལམ་ཁ་བརྒྱུད་ནས་ལྐོག་ཟ་རུལ་སུངས་ལ་འཐབ་རྩོད་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་དང་། སྐུ་ཞབས་ཀེ་ཇེ་བལ་གྱིས་བཤད་པ་ལྟར་ན།
ལྐོག་ཟ་རུལ་སུངས་ཚབས་ཆེ་བའི་རྒྱ་གར་གྱི་ཆབ་སྲིད་ཀྱི་ལམ་ལུགས་རྩ་མེད་གཏོང་རྒྱུ་ནི་ཚོགས་པ་འདིའི་དམིགས་ཡུལ་ཡིན་པར་བརྗོད་ཡོད་པ་རེད།

ཁོང་གིས་ང་ཚོས་ལམ་ལུགས་རྙིང་པ་རྒྱུད་ནས་འོས་འདེམས་ཐོབ་ཐབས་བྱེད་རྒྱུ་མིན། ང་ཚོས་ལམ་ལུགས་དེ་བསྒྱུར་བཅོས་བྱེད་རྒྱུ་ཡིན། ཁོས་ཚོས་སྒོར་མོའི་ནུས་དང་མི་ལ་འཇིགས་སྐུལ། ཡང་ན་ཆོས་ལུགས་དང་རིགས་རུས་དབྱེ་འབྱེད་ཀྱི་ཐབས་ལམ་
ལ་བརྟེན་འོས་ཤོག་ཐོབ་ཐབས་བྱེད་ཀྱིན་ཡོད་པ་རེད།
ང་ཚོས་དེ་ལྟར་བྱེད་རྒྱུ་མིན་ཞེས་བརྗོད་ཡོད་པ་རེད།

རྒྱ་གར་དུ་ལྐོག་ཟ་རུལ་སུངས་ནི་སྤྱི་ཚོགས་ཀྱི་རིམ་གང་སར་གཏིང་ཟབ་མོར་ཁྱབ་
ཡོད་ཅིང་། དཔེར་ན་རྒྱུན་ལྡན་གྱི་ལྐོག་རྔན་ཆུང་རིག་ལང་ནས་
རླངས་འཁོར་ལག་འཁྱེར་བཟོ་བ་དང་། ཁང་ཁྱིམ་དུ་དབུགས་ཐབ་འཛུགས་པ་། ཡང་ན་གཞུང་གི་འགོ་ཁྲིད་དང་དབང་འཛིན་པ་ཁག་ཞིག་གིས། ཨ་སྒོར་དུང་ཕྱུར་
མང་པོའི་ལྐོག་ཟ་བྱེད་པའི་རིགས་ལ་མི་དམངས་ཁོང་ཁྲོ་ལང་གི་ཡོད་པ་དང།
ལྷག་པར་དུ་འདས་པའི་ལོ་གཉིས་གྱི་རིང་ལ་ལྐོག་ཟ་རུལ་སུངས་རྒྱ་ཁྱབ་དུ་ཕྱིན་ནས་
ཇེ་མང་དུ་འགྲོ་བཞིན་ཡོདཔ་དང་།
ལྐོག་ཟ་རུལ་སུངས་གི་གནད་དོན་ཇེ་གསལ་དུ་ཕྱིན་པ་དེ་ཙམ་གྱིས་མི་དམངས་ཀྱི་ཁོང་
ཁྲོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

རྒྱ་ས་ལྡི་ལི་གསར་པར་གནས་སྡོད་བྱེད་བཞིན་པའི་ཆབ་སྲིད་ཉམས་ཞིབ་པ་དང་
དཔྱད་ཞིབ་པ། སྐུ་ཞབས་ཡཱ་དྷ་ནི་སྲིད་དོན་ཚོགས་པ་གསར་བ་དེའི་
གནད་ཡོད་མི་སྣ་གལ་ཆེན་ཞིག་ཡིན་ཞིང་། ཁོང་གིས་བཤད་པ་ལྟར་ན། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དུས་ལ་
སླེབས་ཡོད་པའི་འགྲེལ་བཤད་བྱས་ཡོད་པ་དང་།

ཚོགས་པ་འདིའི་ནུས་པ་ཅི་ཙམ་ཐོན་མིན་སྤྱི་ལོ་༢༠༡༤་ལོའི་ས་གནས་འོས་འདེམས་དང་རྒྱ་གར་རྒྱལ་ཡོངས་འོས་འདེམས་ཀྱི་སྐབས་སུ་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG