ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་དང་བགྲོ་གླེང་གི་ཤུགས་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ནང་སྲིད་དོན་ཚོགས་པ་སོ་སོའི་འོས་མི་ཐག་གཅོད་ཀྱི་བརྒྱུད་རིམ་དང་། དེ་ནས་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ནང་མང་ཚོགས་ལ་གཏམ་བཤད་དང་འོས་བསྡུ་བ་མི་མང་ལ་ཐད་ཀར་འབྲེལ་གཏུགས་གནང་ནས་ལས་འཆར་ངོ་སྤྲོད་གནང་རྒྱུའི་མཚོན་ཟླ་བ་མང་པོའི་རིང་དྲིལ་བསྒྲགས་ལས་འགུལ་གནང་གི་ཡོད་པ་མ་ཟད། རྒྱལ་ཡོངས་ལ་ཐད་ཀར་རྒྱང་སྲིང་བྱས་པའི་བགྲོ་གླེང་སྔ་རྗེས་ལ་གདོང་ལེན་གནང་དགོས་པ་སོགས་རྒྱུན་རིང་ལ་དཀའ་ཚེགས་ཅན་གྱིི་འོས་བསྡུའི་བརྒྱུད་རིམ་ནང་ཞུགས་དགོས་ཀྱི་ཡོད། ད་ལོའི་སྲིད་འཛིན་འོས་བསྡུ་དེ་རྒྱལ་ནང་དུ་དཔལ་འབྱོར་དཀའ་ངལ་དང་རྒྱལ་སྤྱིའི་ནང་ཨ་རིའི་དབུ་ཁྲིད་ཀྱི་འགན་འཁུར་སོགས་ཕྱི་འབྲེལ་སྲིད་བྱུས་ལ་གདོང་ལེན་བྱེད་དགོས་པའི་འགག་རྩའི་དུས་སྐབས་ཤིག་ལ་བྱེད་ཀྱི་ཡོད་པ་དེས་སྲིད་འཛིན་འོས་བསྡུ་དེ་སྔར་ལས་རྣོ་ངར་ཆེ་བའི་འོས་བསྡུ་ཞིག་ཆགས་ཡོད། དེ་རིང་གི་བགྲོ་གླེང་ལེ་ཚན་ནང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་དམིགས་བཀར་ལས་འཆར་བཀོད་འདོམས་པ་བསྟན་འཛིན་ཆོས་སྒྲོན་ལགས་གཉིས་གདན་འདྲེན་ཞུས་ནས་ཨ་རིའི་སྲིད་འཛིན་འོས་བསྡུའི་བརྒྱུད་རིམ་ནང་དྲིལ་བསྒྲགས་ལས་འགུལ་དང་བགྲོ་གླེང་སོགས་ཀྱི་ཁྱད་ཆོས་དང་དེ་དག་གིས་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་གང་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG