ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ནང་འཛིན་བཟུང་བཀག་ཉར་དང་ཁྲིམས་ཆད་གཅོད་སྟངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེངས་འདིའི་ལས་རིམ་ནང་ཉེ་ཆར་བོད་ནང་གི་ས་ཕྱོགས་མང་པོར་དམ་དྲགས་བྱས་ཏེ་མི་མང་པོ་ཞིག་འཛིན་བཟུང་བཀག་ཉར་དང་ཁྲིམས་ཆད་ནན་མོ་གཅོད་བཞིན་པ་དང་། ཁ་ཤས་ཤིག་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་ཐད་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་བཞུགས་སྒར་དྷ་རམ་ས་ལ་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་གདན་འདྲེན་ཞུས་ཡོད། དེ་བཞིན་དུ་ལས་རིམ་འདིའི་སྨད་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བསྟན་འཛིན་ཉིན་བྱེད་ལགས་གདན་འདྲེན་ཞུས་ཡོད།

XS
SM
MD
LG