ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གཉན་ནད་རེག་དུག་ཨེཌྶི་ཞེས་པ་སྔོན་འགོག་དང་བཅོས་ཐབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨེཌྶེ་ཞེས་པའི་གཉན་ནད་རེག་དུག་གི་ནད་གཞི་དེ་འཛམ་གླིང་ནང་ནད་རྟགས་འཕྲོད་པ་ནས་བཟུང་ད་བར་མི་གྲངས་ས་ཡ་སུམ་ཅུ་སོ་གྲངས་ཤིག་ལ་ནད་གཞི་དེ་འགོས་ཡོད་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཚོད་དཔག་གནང་བར་གཞིགས་ན་ད་བར་མི་གྲངས་ས་ཡ་གཉིས་ལྷག་གི་ཚེ་སྲོག་མེད་པར་བཟོས་ཡོད་པ་རེད། ཨེཧ་ཨའི་ཝི་ཞེས་པའི་ནད་འབུ་དེ་མིའི་ལུས་ནང་བསླེབ་སྟངས་དང་། ནད་འབུ་དེ་ལས་བྱུས་བའི་ཨེཌྶེ་ཞེས་པའི་གཉན་ནད་རེག་དུག་གི་ནད་གཞི་སྔོན་འགོག་དང་བཅོས་ཐབས་ལ་སྨན་དཔྱད་རིག་པ་དང་ཚན་རིག་པ་སོགས་ཀྱིས་ལོ་མང་ཞིབ་འཇུག་བྱས་ནས་སྔོན་འགོག་དང་བཅོས་ཐབས་གཉིས་ཀར་ཡར་རྒྱས་བྱུང་ཡོད་ནའང་། ནད་གཞི་དེ་འགོག་སྲུང་མ་བྱས་ན་རང་ཉིད་ཙམ་མིན་པར་སོ་སོའི་ནང་མི་བུ་ཕྲུག་ལའང་ནད་གཞི་དེ་འགོས་ནས་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་པ་རེད། ཉེ་དུས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཨེཌྶེ་སྐོར་ལ་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་ ༢༠ ཚོགས་པའི་ཐོག་མ་འོངས་པར་ནད་གཞི་དེའི་སྔོན་འགོག་དང་བཅོས་ཐབས་ལ་གཞུང་དང་གཞུང་འབྲེལ་མིན་པའི་ལས་འགུལ་གནང་ཕྱོགས་ཀྱི་བགྲོ་གླེང་གནང་ཡོད་པ་རེད། དེ་རིང་གི་ཀུན་གླེང་གིས་བཞུགས་སྒར་དྷ་རམ་ས་ལ་ནས་བདེ་ལེགས་སྨན་ཁང་གི་སྤྱི་ཚོགས་འཕྲོད་བསྟེན་འགན་འཛིན་ཚེ་རིང་དཔལ་སྒྲོན་ལགས་དང་ཨ་རིའི་མངའ་སྡེ་ནིའུ་མེཀ་སི་ཁོ་ནས་སྨན་པ་ཀུན་བདེ་གླིང་བསོད་ནམས་དཔལ་ལྡན་ལགས་གཉིས་གདན་འདེན་ཞུས་ནས་ཨེཌྶེ་ཞེས་པའི་ནད་གཞི་དེ་འགོག་ཐབས་དང་བཅོས་ཐབས་སྐོར་དང་། ལྷག་པར་བོད་མིའི་སྤྱི་ཚོགས་ནང་ནད་གཞི་དེ་ཁྱབ་འཕེལ་མ་སོང་གོང་སྔོན་འགོག་གི་ཐབས་ལམ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG